ཆང་གི་ཁྱོད་འཐུང་།歌词
作词 : 尕太加
作曲 : 尕太加
ཆང་གི་ཁྱོད་འཐུང།
ང་རྩེ་གིན་རྩེ་གིན་དགུང་ལ་འགྲོ།
དགུང་འབྲུག་ཆུང་རྩེ་ན་ང་ཡང་རྩེ།
རྟ་རྒྱུགས་མདའ་འཕེན་བྱེད་དུས་བོང་ལུ་ཟུར་རྒྱུག་མ་བྱེད་ཨ་རོག
ཆང་འཐུང་ན་ཆང་ཅིག་ཐུངས་དང་ཆང་གི་ཁྱོད་མ་ཐུངས་ཨ།
སྟག་ཉི་མར་ལྡེས་ནོ། རི་བོ་སྨུག་པས་བཟུང་ནོ།
ཐོ་ལག་པར་བཟུང་ནས་ཐུར་ལ་རྒྱུག་ནོ་ང་མི་ཁྱོད་རང་ཡིན་ཐལ།
ཆང་འཐུང་གི་འཐུང་གི
འཇིག་རྟེན་པའི་ཡོད་ཚད་སྙིང་བོ་མེད་ཟེར།
དོན་མེད་གི་ཟེར་ཞོར་ཁ་པར་ནང་ནས་བུད་མེད་བཙལ་ཨ།
མ་བུ་མོ་ཕྱི་སྨིན་པ་ཕྱི་ནང་སྨིན་པ་སྨིན་པ་ནང་སྨིན་པ་ཕྱི་ནང་གཉིས་ཀ་ཡང་མ་སྨིན་པ་དག་ལ་མིག་ཅེ་རེ་མིག་ཅེ་རེ།
འཐུང་གིན་འཐུང་གིན་ད་རང་ལས་ངར་བ་རང་ལས་བརྗིད་པ་མེད་པ།
སྐད་མཐོན་པོ་མི་ཐོན་ད་དགུ་ཐོན་འཛེར་སྐད་འདི་མི་གྱག་དགུ་གྱག།
ངོ་མ་དོན་མེད་གི། ཡོང་རྒྱུ་འབབ་རྒྱུ་ཅི་ཡོད་གི།
ལབ་རྒྱག གཤོབ་གཏམ མགོ་གཡོག་མགོ་སྐོར་རང་གཞན་གཉིས་ག་གནོད་ནོ་བཙོག་ནོ།
ལྷ་ལྷ་མོས་མགོན་སྐྱོབས་གནང་རོགས་ཞུ།
ཚང་མ་བདུད་ཀྱི་ཆོ་འཕྲུལ་རེད།
སྤ་ར་ར་སྒྲོལ་མ་ཉེར་གཅིག་ལན་རེར་ཐོན།
གལ་ཏེ་ཁྱིམ་བཟའ་མིའི་མིག་ཆུ་ཐ་ར་ར་བྱེད་དུས་(ཁྱོས)་ཅི་འདོད་འདོད་བྱས་ན།
ཁྱོད་ཡང་མུ་མཐུད་དུ་ཆང་གི་ཁྱོད་རང་འཐུང་ཁྱོད་རང་འཐུང།
补充纠错