母亲歌词
作曲 : 索朗达尔吉
作词 : 索朗达尔吉
ཨ་མ་ལོ་ལོ།
ཚིག ཆོས་སྐུ
གདངས དར་སྐྱིད
གླུ་མ དར་སྐྱིད
མངར་ནུ་ཞོའི་བཅུད་ཀྱིས་གསོས་ཤིང་ལུས་སྦྱིན་པའི་ཨ་མ་དྲན་བྱུང།
ངའི་སེམས་ཁོང་གི་ཉི་མ་ལགས།
བྱམས་བརྩེ་ཅན་གྱི་ཨ་མ་ལགས།
ཐུགས་གཤིས་འཇམ་པའི་ཨ་མ་ལགས།
མ་མཇལ་དུས་ཡུན་རིང་ལ་སོང།
ངས་ནམ་ཡང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ།
ངའི་དྲིན་ཨ་མ་ལོ་ལོ།
གནས་ཚང་མལ་དྲོད་ཁོལ་ཀློང་ནས་ངག་སྩོལ་བའི་ཨ་མ་དྲན་བྱུང།
ངའི་སེམས་ཁོང་གི་དུང་ཟླ་ལགས།
སྙིང་རྗེའི་བདག་ཉིད་ཨ་མ་ལགས།
ལྷག་བསམ་དཀར་བའི་སྐྱེ་མ་ལགས།
མ་འཇལ་དུས་ཡུན་རིང་ལ་སོང།
ངས་ནམ་ཡང་ནད་མེད་ཡོང་བའི་སྨོན་ལམ་འདེབས།
གནས་ཟང་ཟིང་མི་ཡུལ་འདི་ནས་ཡིད་གསོ་བའི་ཨ་མ་དྲན་བྱུང།
ངའི་སེམས་ཁོང་གི་ལྷ་མོ་ལགས།
རིག་པའི་འབྱུང་གནས་ཨ་མ་ལགས།
བློ་རྒྱ་ཆེ་བའི་ཡུམ་ཆེན་ལགས།
མ་འཇལ་དུས་ཡུན་རིང་ལ་སོང།
ངས་ནམ་ཡང་གཏན་བཞུགས་ཡོང་བའི་སྨོན་ལམ་འདེབས།
母亲
词:曲吉
曲:索朗达吉
演唱:索朗达尔吉
甘甜的乳汁滋润心田给予生命的母亲
我心灵的支柱
慈悲的化身
温柔善良的妈妈
在离别的岁月里
我时刻祝你幸福一生
温暖的家庭里赐我言语的妈妈
我心灵的归宿
真诚无瑕的生母
在离别的岁月里
我时刻祝你一生幸福吉祥
在繁华的都市里守护我心灵的慈亲
慈悲的化身
智慧的源泉
宽宏而善良
在离别的岁月里
我祝您永远长命百岁
补充纠错